- 歌詞
- 專輯列表
卓瑪措
-
藏語文之歌
作詞:桑諾 作曲:桑諾
གངས་ལྗོངས་ཁ་བའི་ཡུལ་ལ། ཐོན་མི་སམ་བྷོ་ཊྲ་འཁྲུངས། ཤེས་རིག་སྒྲོན་མེ་གནང་བྱུང་། མུན་པའི་གླིང་ལས་ཐར་སོང་། ཨ་ལ་ཨ་ལ མུན་པའི་གླིང་ལས་ཐར་སོང་། བོད་འབངས་ཡོན་ཏན་སྦྱོང་ནས། རིག་གནས་སྐར་རྩིས་དར་སོང་། ངོ་མཚར་སྟོང་གི་ལོ་རྒྱུས། ཉི་ཟླ་བཞིན་དུ་གསལ་ཡོད། ཨ་ལ་ཨ་ལ ཉི་ཟླ་བཞིན་དུ་གསལ་ཡོད། 更多更詳盡歌詞 在 ※ Mojim.com 魔鏡歌詞網 མི་རིགས་མི་རིགས་ཞེས་པ། སྐད་དང་ཡི་གེར་ཐུག་ཡོད། བོད་ཀྱི་སྐད་དང་ཡི་གེ ། དགོས་འདོད་དཔག་བསམ་འཁྲི་ཤིང་། ཨ་ལ་ཨ་ལ དགོས་འདོད་དཔག་བསམ་འཁྲི་ཤིང་། ཕ་བཟང་དམ་པའི་བུ་ཆུང་། ཕ་སྐད་སྦྱོང་རོགས་གནོང་དང་། མ་བཟང་གཅེས་པའི་བུ་མོ། མ་ཡིག་སྦྱོང་རོགས་གནང་དང་། ཨ་ལ་ཨ་ལ མ་ཡིག་སྦྱོང་རོགས་གནང་དང་།
-
|