魔鏡歌詞網
魔鏡歌詞網 > 男生歌手 > 扎西平措 > 一樣 > 一樣

扎西平措



歌詞
專輯列表

扎西平措

一樣

作詞:旦增格桑
作曲:旦旦/扎西平措

ཟོར་དབྱིབས་ཟླ་བ། ཉ་གང་ཆགས་ཡའ།
འཛམ་བུ་གླིང་གི་མུན་པ་ཚང་མ་སེལ་ཡའ།
རང་གི་བདེན་པ། རང་གིས་གསལ་ཡའ།
ལས་ཀྱི་འབྲས་བུ་ཆུ་ཡི་རི་མོ་འདྲ་ཡའ།
འཁོར་བ་ཁབ་ཀྱི་རྩེ་མོ་ལ་བདེ་བ་སྐད་ཅིག་རེད།
སྐྱེ་རྒ་ན་འཆིའི་ལས་དེ་ཐར་ཐབས་དཀའ།
བདེ་བ་སྡུག་སྔལ་རྟེན་ཅིང་འབྲེལ་བྱུང་།
འདི་ཀུན་རྨོངས་པའི་ཆ་ཡིན།
མཐོ་རིས་མངོན་མཐོའི་ཁང་བཟང་སྐྲུན་ཤོག
འཇིག་རྟེན་མི་ཡུལ་བདེ་ལ་འཁོད་ཤོག
རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད།
དེར་སྲུང་ན་རང་ལ་སྲུང་།
ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས།
དེར་དྭངས་ན་རང་ཡང་དྭངས།
更多更詳盡歌詞 在 ※ Mojim.com 魔鏡歌詞網
ས་རི་མོའི་སྡེང་ལ་བུ་ཕྲུག་ཚང་མ་གནས།
དེར་དགའ་ན་རང་ལ་དགའ།
ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་།
དེར་བརྩེ་ན་རང་ལ་བརྩེ།
ང་ལ་བརྩེ།
འཇིག་རྟེན་མི་ཡུལ་བདེ་ལ་འཁོད་ཤོག
རྩྭ་རྩི་ཤིང་ཐམས་ཅད་སྲོག་ལྡན་དང་ཁྱད་མེད།
དེར་སྲུང་ན་རང་ལ་སྲུང་།
ཕུ་མདའ་ཆུ་ཡོད་ཚད་རྒྱ་མཚོ་རུ་འཁྱིལ་བས།
དེར་དྭངས་ན་རང་ཡང་དྭངས།
ས་རི་མོའི་སྡེང་ལ་བུ་ཕྲུག་ཚང་མ་གནས།
དེར་དགའ་ན་རང་ལ་དགའ།
ལྷོ་འཛམ་བུའི་གླིང་ལ་གནས་སྐྱེ་འགྲོ་མང་ཡང་།
དེར་བརྩེ་ན་རང་ལ་བརྩེ།