- 歌词
- 专辑列表
谢旦
-
故乡果洛
བོད་མདོ་ཁམས་གངས་རིའི་ཞིང་ས། ཡུལ་རྨ་རྒྱལ་ཤེལ་དཀར་ཕོ་བྲང་། བསང་རླུང་རྟའི་བར་སྣང་བཀང་ས། རྨ་ཆེན་གངས་རི། ང་ཚོའི་བླ་རི། བུ་ང་ཡི་ཕ་ས་ཕ་ཡུལ། གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས། གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས། གཞས་ཚིག་དིང་ཕྲུག་ནས་སྒྲིག། ཕ་སྐད་གཙང་མ་གསུངས་རྒྱུར་དོ་སྣང་ཡོད་པ་ཞུ།། ཤར་གཡུ་རྩེ་རྫ་རི་སྔོན་མོ། མཚོ་ལྗང་ལོ་བདུད་རྩི་བསིལ་མ། སྟག་ཤ་རིའི་དཔའ་རྩལ་འགྲན་ས། གཉན་པོ་གཡུ་རྩེ། ང་ཚོའི་བླ་རི། བུ་ང་ཡི་ཕ་ས་ཕ་ཡུལ། གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས། གན་ཡང་ཡང་མཐོང་བའི་སྨོན་ལམ་འདེབས། 更多更详尽歌词 在 ※ Mojim.com 魔镜歌词网 བོད་མདོ་ཁམས་གངས་རིའི་ཞིང་ས། ཡུལ་རྨ་རྒྱལ་ཤེལ་དཀར་ཕོ་བྲང་། བསང་རླུང་རྟའི་བར་སྣང་བཀང་ས། རྨ་ཆེན་གངས་རི།ང་ཚོའི་བླ་རི། ཤར་གཡུ་རྩེ་རྫ་རི་སྔོན་མོ། མཚོ་ལྗང་ལོ་བདུད་རྩི་བསིལ་མ། སྟག་ཤ་རིའི་དཔའ་རྩལ་འགྲན་ས། གཉན་པོ་གཡུ་རྩེ།ང་ཚོའི་བླ་རི། ཡུལ་རྨ་རྫ་ཟལ་མོའི་སྒང་འདི། གླིང་ཕུ་ནུའི་དཔའ་རྩལ་ངོམ་ས། སྨན་འབྲུག་མོའི་གཞས་ཆུང་འཐེན་ས། རྨ་ཡུལ་མགོ་ལོག། ང་ཡི་ཕ་ཡུལ། བུ་ང་ཡི་ཕ་ས་ཕ་ཡུལ། གན་ཡང་ཡང་དར་བའི་སྨོན་ལམ་འདེབས། གན་ཡང་ཡང་དར་བའི་སྨོན་ལམ་འདེབས།།
-
|